འདི་ནི་དངོས་བཤུས་གློག་བརྙན་ཅིག་ཡིན་ལ། ཉིན་འགའི་སྔོན་ཏག་ཏག་ལ་བལྟས་ཟིན། སྐད་འཕྲིན་གྱི་ཚོམ་འགའ་རེའི་དུའང་འདི་ལ་དཔྱད་པ་ཅི་རིགས་གཏོང་གིན་འདུག་སྟེ། རང་ངོས་ནས་བླ་ལྷག་གིས་དངོས་བཤུས་གློག་བརྙན་འདི་ཡི་འོག་ཏུ་སྐུང་ནས་ཡོད་པའི་མི་རིགས་དེ་དང་དེ་འབྲེལ་གྱི་མི་བུ་རེ་རེའི་སྨྲེ་ངག་དང་།སྨྲེ་ངག་ནས་ཁོག་ཏུ་མ་ཆུགས་པར་མིག་མཐའ་ན་བཞུར་བའི་སྡུག་ཡུས་མཚམས་རེར་གླེང་གི་ཡོད།
དེའང་དངོས་དོན་ལ་བབས་ན།མེ་སྒྱོགས་དང་།འཇབ་རྒོལ།གྱང་ཆག བེམ་རོ་བཅས་ཀྱིས་གྲུབ་པའི་ཐ་སྙད་རེ་རེ་ནི།སི་རི་ཡའི(叙利亚)བྱིས་པ་ཚོར་ཆེས་བག་ཆགས་ཟབ་ཤོས་དེ་ཡིན་སྲིད།དེས་ནི་ཁོ་རང་ཚོ་སྐྱེས་པ་ནས་རང་གི་ཕ་མ་དང་འགྲོགས་ནས་སི་རི་ཡ་ན་ཡོད་པས་རེད། ཁོ་ཚོའི་ལས་དབང་ནི་འཇིགས་སྐྲག་གིས་འཚོས་ཤིང་འཆི་བས་མནར། གློག་བརྙན་ཁྲོད་ཀྱི་སཱ་མ་ཡང་ཁོ་ཚོ་དང་ལས་དབང་གིས་དམ་པོར་བཅིངས་ཤིང་སི་རི་ཡའི་དམག་འཁྲུག་གིས་བསྐྱེད་པའི་སྨུག་ཞགས་དང་འདྲེས།
སྤྱིར་ན་ད་ལོའི་ཨོ་སི་ཁཱ་གློག་བརྙན་དུས་ཆེན་གྱི་སྟེང་།དངོས་བཤུས་གློག་བརྙན་འདི་ལ་དངོས་བཤུས་གློག་བརྙན་རྩེ་གྲའི་བྱ་དགའ་ནི་ཐོབ་ཆོག་ཆོག་ཡིན་མོད།<<ཨ་རིའི་བཟོ་གྲྭ>>(美国工厂)ཟེར་ཡ་དེར་དབང་སོང་། གནས་ཚུལ་འདིའི་བརྙན་ཞེན་པ་དང་། ལྷག་པར་བརྙན་དཔྱད་པ་དག་གི་བསམ་བློའི་གྲོས་འཆིང་རྒྱ་གྲོལ་སོང་། འདིའི་བསྐོར་ནས་ཆེད་དོན་གྱི་ལབ་གླེང་ཡང་མི་དམན་པ་ཞིག་དྲྭ་བའི་སྒང་ནས་ཐོད་ཀྱིས་ཕྱུར། འདི་ལས་ང་ཚོས་དངོས་བཤུས་གློག་བརྙན་འདིའི་རང་སྟེང་ན་བསློག་རྒྱུ་ཞིག་ཡོད་པ་ནི།གློག་བརྙན་རང་སྟེང་གི་མ་གཞི་ག་འདྲ་ཞིག་ཡིན་པ་དང་། དེའི་གཞུག་ནས་ཕབ་བསྐྲུན་ཚོགས་པ་དང་།གློག་བརྙན་དུས་ཆེན་གྱི་དཔྱད་འདེམས་ཚོགས་པའི་ངོས་ལེན་བརྒྱུད་རྗེས་ཀྱི་ད་ལྟའི་ང་ཚོའི་མཐོང་ལམ་ན་སྨིན་པའི།བརྩམས་ཆོས་འདིས་ཉིན་དང་སྲིབ་ཡིན་རྒྱུ་རེད།འདི་ཡང་ན་ནི་སི་རི་ཡའི་དངོས་ཡོད་ཆབ་སྲིད་ཀྱི་དགོས་དབང་ཡིན་ཡང་སྲིད།གང་ལྟར་ནི་ང་ཚོས་དངོས་བཤུས་གློག་བརྙན་འདི་ཡི་རླབས་ཆེ་བའི་བརྙན་མིག་རེ་རེར་ཁ་གསལ་དོད་པོས་མངོན་ལྐོག་གཉིས་ལ་མིག་བཤེར་ཐེངས་ཅིག་ནི་ཅིས་ཀྱང་བྱ་དགོས།
གློག་བརྙན་གྱི་མཇུག་ཏུ་སཱ་མ་རང་གི་ཕ་མ་གཉིས་དང་ལྷན་དུ་ཞིག་རལ་ཏུ་གྱུར་བའི་གྲོང་ཁྱེར་དེས་ནས་སྒོར་འགྲོ་ཐུབ་སོང་བ་ནི། གཅིག་ནི་སཱ་མས་སྐབས་དེའི་ལོ་རྒྱུས་ལ་བདེན་དཔང་བྱེད་ཐུབ་སོང་བ་དང་། གཉིས་ནས་ཁོ་ཚོར་འཇིགས་སྐྲག་གིས་དེད་པའི་ལོ་དང་ཟླ་བ་ཡིས་མ་འོངས་གསར་བ་ཞིག་མདུན་ལ་བསུ་བཞིན་པའང་ཡུན་གྱིས་རྟོགས་ཡོད་པ་འདྲ། རླབས་ཆེ་བའི་བྱ་བཞག་ལ་ཧུར་བརྩོན་དགོས།དཀའ་ངལ་དང་སེམས་ཕབ་ཅི་འདྲ་བ་ཞིག་གདོང་གིས་བསུ་དགོས་བྱུང་ཡང་།འོད་ཟེར་གྱི་རྒྱལ་ཁའི་ཟེགས་མ་དུས་ནམ་ཞིག་ལ་མཁའ་ནས་མངོན་པས་སོ།།

为了萨玛For Sama(2019)

又名:致莎玛:叙利亚家书(港) / 亲爱的莎玛(台)

上映日期:2019-05-15(戛纳电影节)片长:96分钟

主演:娃艾·阿卡提布 哈姆扎·哈蒂卜 萨玛·阿勒·哈蒂卜 

导演:娃艾·阿卡提布 爱德华·华兹 

为了萨玛的影评