མི་འདིའི་གཤིས་ཀ་ནི་རང་བཞིན་གྱིས་ལྷོད་འཇགས་དང་ལྡན་ཞིང་། རྣོ་སྦྲེང་ལས་འོངས་པའི་གདངས་དབྱངས་སྙན་མོར་རོལ་ནས་འཇིག་རྟེན་ཚང་མ་ཞི་བདེ་དང་། ཡིད་དུ་འོང་བ། བདེ་བའི་རྣམ་པ་ཅན་དུ་ངོས་འཛིན་བྱེད། གདངས་དབྱངས་ཀྱི་འཇིག་རྟེན་གསེབ་ནས་དབྱར་དགུན་སྟོན་དཔྱིད་ཀྱི་རོ་དེ་དངོས་སུ་མྱོང་བ་ལྟ་བུ་དང་། ཕྱི་རོལ་རྡོ་གཅལ་གྱི་སྟེང་དུ་གོམ་པ་བོར་མ་མྱོང་ནའང་ཕྱི་ནང་འཇིག་རྟེན་གྱི་གསང་བ་ཚང་མ་ཤེས་པ་ལྟ་བུ། ཁོང་གི་ལྟ་བར་ཕྱི་རོལ་འུར་ཟིང་གིས་ཁེངས་པའི་འཇིག་རྟེན་ལ་མཐའ་མེད་པ་དང་ལྷོད་འཇགས་མེད་པ་ཉིད་དུ་འདོད། མི་ཚེ་ཧྲིལ་པོར་གྲུ་གཟིངས་ཀྱིས་གནས་དང་རྣོ་སྦྲེང་གིས་གྲོགས་བགྱིས་ནས་བསྐྱལ་བའི་དོན་དམ་པའི་སྙན་དངགས་པ་དང་དོན་དམ་པའི་རོལ་དབྱངས་བ། ཁེར་རྐྱང་དུ་སྣང་ཡང་གྲོགས་པོའི་ཚོགས་དུ་མས་བསྐོར་བ་སྟེ། མགོ་ལ་རྣ་དང་། ལུས་ལ་སེམས། རྣོ་སྦྲེང་ལས་འོངས་པའི་རོལ་དབྱངས་དེ་ཙམ་གྱིས་ཆོག་པའི་བྱ་བཏང་བའང་ཅི་ལ་མིན། གློག་བརྙན་འདིའི་བརྗོད་དོན་གཙོ་བོ་ཁོ་བོས་འདི་འདྲ་ཞིག་ལ་ངོས་འཛིན་བཞིན་ཡོད། ༢༠༢༣བོད་ཟླ་༡༢ཚེས་༡ཉིན།


海上钢琴师La leggenda del pianista sull'oceano(1998)

又名:声光伴我飞(港) / 一九零零的传奇 / 1900海上钢琴师 / 传奇1900 / The Legend of 1900 / The Legend Of The Pianist On The Ocean

上映日期:2019-11-15(中国大陆) / 1998-10-28(意大利)片长:165分钟

主演:蒂姆·罗斯 普路特·泰勒·文斯 比尔·努恩 克兰伦斯·威廉姆 

导演:朱塞佩·托纳多雷 编剧:亚利桑德罗·巴里克 Alessandro Baricco/朱塞佩·托纳多雷 Giuseppe Tornatore

海上钢琴师的影评

Yumi
Yumi • 下船吗